为深入推进全市群众身边不正之风和腐败问题整治工作,坚决纠治违规异地执法、趋利性执法以及乱收费、乱罚款、乱检查、乱查封等问题,进一步规范涉企行政执法行为,减轻企业负担,持续优化法治化营商环境。现面向社会公开征集问题线索。
一、征集范围
(一)违规异地执法问题
无正当理由跨区域执法、未履行备案程序擅自异地办案;违规实施异地行政检查;违法查封、冻结、划转外地企业和个人财产等行为。
(二)趋利性执法问题
下达或变相下达罚没指标,将执法与经济利益挂钩;以罚代管、逐利执法;对违法行为只罚款不纠正、不教育;滥用自由裁量权,同案不同罚,处罚畸轻畸重;利用行政执法权力收受礼金红包,谋取私利等行为。
(三)乱收费问题
无法定依据擅自设立收费项目、提高收费标准、扩大收费范围,以培训费、工本费、赞助费、保证金等名义向企业和群众违规收费,不执行公示制度、不明码标价、不出具票据。
(四)乱罚款问题
无法律法规依据罚款、超范围超幅度罚款、重复罚款,滥用自由裁量权,同案不同罚,小过重罚,罚款不开具合法票据,不执行“首违免罚”“轻微不罚”等制度。
(五)乱检查问题
未制定年度检查计划、未按规定备案公示,重复检查、多头检查、超频次检查,检查标准不清,临时提高要求或增设条件,无正当理由频繁开展检查,变相检查,随意检查,执法扰企扰民。
(六)乱查封问题
违反法定条件和权限,违反法定程序或期限,超出合理范围和额度,超时限查封、扣押、冻结市场主体经营场所、生产设备、财物,违规处置查封扣押物品,违规异地查封,变相查封,随意关停企业经营。
(七)执法标准不一致、要求不统一,加重企业负担的行为问题
地方立法违反上位法,政策文件违反国家部署要求,执法标准不合理,各部门执法事项要求不衔接;对企业区别对待,形成不公平竞争环境。
(八)滥用职权、徇私枉法、该罚不罚、粗暴执法,以及执法不作为等违法违规行为问题
以权谋私,办关系案、人情案;不作为、慢作为、乱作为;接受管理和服务对象的礼品礼金和报酬、福利待遇,参加管理和服务对象提供的宴请、娱乐、旅游等活动,将执法费用转嫁给管理和服务对象,违规提供中介服务。
二、征集时间
自本公告发布之日起,截至2026年12月31日。
三、问题线索提供方式
电话:0893-7302622
地址:山南市错那市司法局(错那市擦朵塘路6号)
邮政编码:856700
四、注意事项
1.线索举报人应客观、准确、如实反映问题线索,对所提供材料的真实性负责。捏造、歪曲事实、诬告陷害或恶意举报,依法承担相关法律责任。提倡实名反映问题线索,线索受理单位将对线索提供人的信息保密。举报线索时请提供有效联系方式,便于及时沟通。
2.仅受理投诉举报范围内的突出问题相关线索。其他不属于受理范围的问题,请依法依规维护合法权益。
3.各行政执法单位应主动开展自查自纠,积极配合整治工作。
4.已由法院、司法局等部门受理或已申请行政诉讼、行政复议程序,已作出行政复议决定或生效判决的,不重复予以受理。
特此公告!
欢迎广大企业群众积极反映相关问题线索!
错那市人民政府行政执法协调监督办公室
2026年3月17日
གནད་དོན་གྱི་ཁུངས་སྣེ་འཚོལ་བསྡུའི་སྤྱི་བསྒྲགས།
གྲོང་ཁྱེར་ཡོངས་ཀྱི་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་བཅོས་སྒྲིག་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་སྒྲིག་འགལ་ངང་ཡུལ་གཞན་དུ་ཁྲིམས་འཛིན་དང་། ཁེ་གཉེར་རང་བཞིན་གྱི་ཁྲིམས་འཛིན། དེ་བཞིན་གྲོན་དངུལ་གང་བྱུང་དུ་བསྡུ་བ་དང་། དངུལ་ཆད་གང་བྱུང་དུ་གཅོད་པ། ཞིབ་བཤེར་གང་བྱུང་དུ་བྱེད་པ། སྒོ་ཐེལ་རྒྱག་པ་སོགས་ཀྱི་གནད་དོན་བཅོས་སྒྲིག་མཐའ་གཅིག་ཏུ་བྱས་ཏེ་ཁེ་ལས་དང་འབྲེལ་བ་ཡོད་པའི་སྲིད་འཛིན་ཁྲིམས་འཛིན་བྱེད་སྤྱོད་སྔར་བས་ཚད་ལྡན་དུ་གཏོང་བ་དང་ཁེ་ལས་ཀྱི་ཁུར་པོ་ཡང་དུ་བཏང་ནས་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་གཏོང་ཆེད། ད་ལྟ་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་གནད་དོན་གྱི་ཁུངས་སྣེ་འཚོལ་བསྡུ་བྱེད་རྒྱུ་ཡིན་པས། དམིགས་བསལ་གྱི་སྤྱི་བསྒྲགས་འདི་སྤེལ་རྒྱུ་གཤམ་གསལ།
དང་པོ། འཚོལ་བསྡུའི་ཁྱབ་ཁོངས།
གཅིག་ནས་སྒྲིག་འགལ་གྱིས་ཡུལ་གཞན་དུ་ཁྲིམས་བསྟར་བྱེད་པའི་གནད་དོན་རིགས་འཚོལ་རྒྱུ།
ལུགས་མཐུན་མིན་པར་ས་ཁོངས་ལས་བརྒལ་ནས་ཁྲིམས་ལག་བསྟར་བྱེད་པ་དང་སྙན་སེང་ཐོ་འགོད་ཀྱི་གོ་རིམ་མེད་པར་རང་དགར་ས་ཆ་གཞན་དུ་གྱོད་གཞི་ཞིབ་གཅོད་བྱེད་པ། སྒྲིག་འགལ་ངང་ས་ཆ་གཞན་དུ་སྲིད་འཛིན་ཞིབ་བཤེར་བྱེད་པ། ཁྲིམས་འགལ་གྱིས་ས་གནས་གཞན་གྱི་ཁེ་ལས་དང་མི་སྒེར་གྱི་རྒྱུ་ནོར་ལ་སྒོ་ཐེལ་རྒྱག་པ་དང་། བཀག་འཇོག་བྱེད་པ། དེ་བཞིན་གཞན་སྒྱུར་བྱེད་པ་སོགས་ཀྱི་བྱ་སྤྱོད་རིགས་འཚོལ་བསྡུ་བྱ་རྒྱུ།
གཉིས་ནས་ཁེ་གཉེར་རང་བཞིན་གྱི་ཁྲིམས་བསྟར་གནད་དོན་རིགས་འཚོལ་རྒྱུ།
ངོ་བོ་འགྱུར་བའི་ཐོག་ནས་དངུལ་ཆད་དང་གཞུང་བཞེས་གཏོང་བའམ་ཡང་ན་རྣམ་པ་འགྱུར་བའི་སྒོ་ནས་གཤམ་བསྒྲགས་བྱས་ཏེ་ཁྲིམས་འཛིན་དང་དཔལ་འབྱོར་གྱི་ཁེ་ཕན་ཟུང་དུ་སྦྲེལ་བ། དངུལ་ཆད་བཏང་ནས་དོ་དམ་གྱི་ཚབ་བྱེད་པ་དང་ཁེ་ལས་ཡོང་རེའི་ཆེད་དུ་ཁྲིམས་འཛིན་བྱེད་པ། ཁྲིམས་འགལ་གྱི་བྱ་སྤྱོད་ལ་དངུལ་ཆད་གཅོད་པ་ལས་ཡོ་བསྲང་མི་བྱེད་པ་དང་སློབ་གསོ་མི་གཏོང་བ། རང་མོས་ཁྲུན་གཅོད་དབང་ཆ་གང་བྱུང་དུ་སྤྱོད་པ་དང་། གྱོད་གཞི་གཅིག་པར་ཆད་གཅོད་མི་འདྲ་བ་གཏོང་བ། ཆད་གཅོད་ཡང་དྲགས་པ། སྲིད་འཛིན་ཁྲིམས་འཛིན་ལ་ཁ་གཡར་བའམ་དབང་ཆར་བརྟེན་ནས་འབུལ་རྟེན་ལེན་པ་དང་སྒེར་ཕན་སྒྲུབ།
གསུམ་ནས་གྲོན་དངུལ་གང་བྱུང་དུ་བསྡུ་བའི་གནད་དོན་རིགས་འཚོལ་རྒྱུ།
ཁྲིམས་ཀྱི་གཞི་འཛིན་ས་མེད་པར་རང་དགར་གྲོན་བསྡུའི་རྣམ་གྲངས་འཛུགས་པ་དང་། གྲོན་བསྡུའི་ཚད་གཞི་མཐོ་རུ་གཏོང་བ། གྲོན་བསྡུའི་ཁྱབ་ཁོངས་རྒྱ་ཆེར་གཏོང་བ་བཅས་བྱས་ཏེ་སྦྱོང་བརྡར་གྲོན་དངུལ་དང་། མ་གནས་གྲོན་དངུལ། ཡིད་མཐུན་རོགས་དངུལ། འགན་ལེན་གྲོན་དངུལ་སོགས་ཀྱི་མིང་ཐོག་ནས་ཁེ་ལས་དང་མང་ཚོགས་ལ་སྒྲིག་འགལ་ངང་གྲོན་བསྡུ་བ་དང་། ཡོངས་བསྒྲགས་ལམ་ལུགས་ལག་བསྟར་མི་བྱེད་པ། རིན་གོང་གསལ་པོ་མི་འགོད་པ། འཛིན་ཤོག་སྤ་སེ་མི་སྤྲོད་པ།
བཞི་ནས་དངུལ་ཆད་གང་བྱུང་དུ་གཅོད་པའི་གནད་དོན་རིགས་འཚོལ་རྒྱུ།
བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཞི་འཛིན་ས་ཅི་ཡང་མེད་པའི་སྒོ་ནས་དངུལ་ཆད་གཅོད་པ་དང་། ལས་ཀའི་ཁྱབ་ཁོངས་དང་ས་གནས་ཀྱི་ཁྱབ་ཁོངས་ལས་བརྒལ་ནས་དངུལ་ཆད་གཅོད་པ། དངུལ་ཆད་བསྐྱར་མ་གཅོད་པ། རང་མོས་ཁྲུན་གཅོད་དབང་ཆ་གང་བྱུང་དུ་སྤྱོད་པ། གྱོད་གཞི་གཅིག་པར་ཆད་པ་མི་འདྲ་བ་གཅོད་པ།དངུལ་ཆད་གཅོད་སྐབས་ཁྲིམས་མཐུན་གྱི་འཛིན་ཤོག་མི་སྤྲོད་པ། "ཉེས་ཆད་རྩ་ཡང་དང་ཡང་དུ་མི་གཏོང་བ"སོགས་ཀྱི་ལམ་ལུགས་ལག་བསྟར་མི་བྱེད་པ།
ལྔ་ནས་གནད་དོན་གང་བྱུང་དུ་ཞིབ་བཤེར་བྱེད་པའི་རིགས་འཚོལ་རྒྱུ།
ལོ་འཁོར་གྱི་ཞིབ་བཤེར་འཆར་གཞི་བཟོས་མེད་པ་དང་། གཏན་འབེབས་ལྟར་ཐོ་འགོད་སྙན་སེང་དང་ཡོངས་བསྒྲགས་བྱས་མེད་པ། ཞིབ་བཤེར་བསྐྱར་མ་བྱེད་པ།ཞིབ་བཤེར་སྣ་མང་བྱེད་པ། ཞིབ་བཤེར་ཐེངས་མང་བྱེད་པ། ཞིབ་བཤེར་ཚད་གཞི་གསལ་པོ་མེད་པ། གནས་སྐབས་རང་བཞིན་གྱི་བླང་བྱ་མཐོ་རུ་གཏོང་བ་དང་ཆ་རྐྱེན་མང་དུ་གཏོང་བ། ལུགས་མཐུན་གྱི་རྒྱུ་མཚན་མེད་པར་ཞིབ་བཤེར་ཡང་སེ་བྱེད་པ།རྣམ་པ་འགྱུར་བའི་ཞིབ་བཤེར་བྱེད་པ། རང་དགར་ཞིབ་བཤེར་བྱེད་པ། ཁྲིམས་འཛིན་གྱིས་དམངས་ལ་རྙོག་དྲ་བཟོ་བ།
དྲུག་ནས་གང་བྱུང་དུ་སྒོ་ཐེལ་བརྒྱབ་པའི་གནད་དོན་རིགས་འཚོལ་རྒྱུ།
ཁྲིམས་ཀྱི་ཆ་རྐྱེན་དང་དུས་ཆད་ལ་མི་བསྟུན་པར་ཡང་ན་དུས་བཀག་ལས་འགལ་བ། ལུགས་མཐུན་གྱི་ཁྱབ་ཁོངས་དང་གྲངས་ཚད་ལས་བརྒལ་བའི་ཐོག་ནས་ཁྲོམ་ར་གཉེར་སྐྱོང་བྱ་ཡུལ་དང་། ཐོན་སྐྱེད་སྒྲིག་ཆས། རྒྱུ་ནོར་བཅས་ལ་གང་བྱུང་སྒོ་ཐེལ་རྒྱག་པ་དང་། བཀག་ཉར་བྱེད་པ། སྒོ་ཐེལ་རྒྱག་པ་དང་བཙན་ཉར་བྱས་པའི་དངོས་རྫས་སྒྲིག་འགལ་ངང་ཐག་གཅོད་བྱེད་པ། སྒྲིག་འགལ་ངང་ས་ཆ་གཞན་དུ་སྒོ་ཐེལ་རྒྱག་པ། རྣམ་པ་འགྱུར་བའི་སྒོ་ཐེལ་རྒྱག་པ། ཁེ་ལས་ཀྱི་གཉེར་སྐྱོང་རང་དགར་སྒོ་རྒྱག་པ།
བདུན་ནས་ཁྲིམས་འཛིན་གྱི་ཚད་གཞི་གཅིག་མཐུན་མིན་པ་དང་། བླང་བྱ་གཅིག་གྱུར་མིན་པ། ཁེ་ལས་ཀྱི་ཁུར་པོ་ལྕི་རུ་གཏོང་བ་བཅས་ཀྱི་བྱ་སྤྱོད་ཀྱི་གནད་དོན་རིགས་འཚོལ་རྒྱུ། ས་གནས་ཀྱི་ཁྲིམས་འཛུགས་དེ་གོང་རིམ་བཅའ་ཁྲིམས་དང་འགལ་བ་དང་། སྲིད་ཇུས་ཡིག་ཆ་རྒྱལ་ཁབ་ཀྱི་བཀོད་སྒྲིག་བླང་བྱ་དང་འགལ་བ། ཁྲིམས་འཛིན་ཚད་གཞི་ལུགས་དང་མི་མཐུན་པ། ཚན་པ་དང་ཚན་པའི་བར་ཁྲིམས་འཛིན་དོན་དག་གི་བླང་བྱ་དང་སྦྲེལ་མཐུད་མི་བྱེད་པ། ཁེ་ལས་ལ་ལྟ་སྟངས་མི་འདྲ་བ་བཟུང་ནས་དྲང་གཞག་མིན་པའི་འགྲན་རྩོད་ཁོར་ཡུག་བཟོ་བ།
བརྒྱད་ནས་དབང་ཆ་གང་བྱུང་དུ་སྤྱོད་པ་དང་། སྒེར་དོན་ཁྲིམས་འགལ་བྱེད་པ། ཆད་པ་གཅོད་དགོས་ཀྱང་ཆད་པ་མི་གཅོད་པ། རྩུབ་སྤྱོད་ཀྱིས་ཁྲིམས་འཛིན་བྱེད་པ། དེ་བཞིན་ཁྲིམས་འཛིན་ལས་དོན་མི་སྒྲུབ་པ་སོགས་ཀྱི་ཁྲིམས་འགལ་ཚད་ལྡན་གྱི་བྱ་སྤྱོད་ཀྱི་གནད་དོན་རིགས་འཚོལ་རྒྱུ།
དབང་ཆར་བརྟེན་ནས་སྒེར་ཕན་གཉེར་བ་དང་རྒྱུ་དབང་བརྗེ་རེས་བྱེད་པ། འབྲེལ་བ་ཡོད་པའི་སྒི་ནས་གྱོད་གཞི་དང་ངོ་སོའི་གྱོད་གཞི་སྒྲུབ་སྐབས་རྩ་བ་ནས་ཐག་གཅོད་མི་མེད་པའམ་དུས་ཐོག་དུ་ཐག་གཅོད་མི་བྱེད་པ། གང་བྱུང་ཐག་གཅོད་བྱེད་པ། དོ་དམ་དང་ཞབས་ཞུ་བྱ་ཡུལ་གྱི་ལག་རྟགས་དང་འབུལ་རྟེན། གླ་ཆ། ཕན་བདེའི་ཐོབ་ཐང་བཅས་དང་ལེན་བྱེད་པ་དང་།
དོ་དམ་དང་ཞབས་ཞུ་བྱ་ཡུལ་གྱིས་མཁོ་འདོན་བྱས་པའི་གསོལ་སྟོན་དང་། རོལ་རྩེད། ཡུལ་སྐོར་སོགས་ཀྱི་བྱེད་སྒོར་ཞུགས་པ། ཁྲིམས་འཛིན་གྲོན་དངུལ་དོ་དམ་དང་ཞབས་ཞུ་བྱ་ཡུལ་ལ་བརྒྱུད་སྤྲོད་བྱེད་དུ་བཅུག་པ། སྒྲིག་འགལ་ངང་མཚམས་སྦྱོར་ཞབས་ཞུ་རང་གིས་དམིགས་འཛུགས་ནས་གཏན་འཁེལ་བྱེད་པ་བཅས་ཀྱི་གོང་གསལ་གནད་དོན་བརྒྱད་པོ་ཡོད་མེད་འཚོལ་བསྡུ་བྱ་རྒྱུ།
གཉིས་པ། འཚོལ་བསྡུ་བྱེད་པའི་དུས་ཚོད།
སྤྱི་བསྒྲགས་སྤེལ་བའི་ཉིན་ནས་འགོ་བཙུགས་ཏེ་2026ལོའི་ཟླ་12ཚེས་31ཉིན་བར་ཡིན།
གསུམ་པ། གནད་དོན་གྱི་ཁུངས་སྣེ་འདོན་སྤྲོད་བྱེད་སྟངས།
ཁ་པར་ཨང་གྲངས། 0893-70222
ས་གནས། ལྷོ་ཁ་གྲོང་ཁྱེར་མཚོ་སྣ་གྲོང་ཁྱེར་ཁྲིམས་འཛིན་ཅུད།(མཚོ་སྣ་གྲོང་ཁྱེར་ཚྭ་ཐོག་ཐང་ལམ་ཨང་6པ)
སྦྲག་སྲིད་ཨང་གྲངས། 85700
བཞི་པ། དོ་སྣང་བྱ་དགོས་པའི་དོན་ཚན།
གཅིག་ནས་ཁུངས་སྣེ་ཐེར་འདོན་བྱེད་མཁན་གྱིས་དོན་དངོས་དང་མཐུན་པ་དང་། གནད་ལ་འཁེལ་བ། ཇི་མ་ཇི་བཞིན་བཅས་ཀྱི་སྒོ་ནས་གནད་དོན་གྱི་ཁུངས་སྣེ་ཞུ་དགོས་པ་དང་མཁོ་འདོན་བྱས་པའི་གནད་དོན་ལ་བདེན་དོན་ཡིན་རྒྱུར་འགན་འཁུར་དགོས། དོན་དངོས་རྫུན་བཟོ་དང་། འཁྱོག་བཤད། སྙོན་འཛུགས་ཞུ་གཏུག་དང་མ་ཉེས་ཁག་གཡོགས་སམ་ཡང་ན་བསམ་ངན་གྱིས་ཐེར་འདོན་བཅས་བྱས་ཚེ་ཁྲིམས་ལྟར་འབྲེལ་ཡོད་བཅའ་ཁྲིམས་ཀྱི་འགན་འཁྲི་འཁུར་དགོས། ཁུངས་སྣེ་བདག་སྤྲོད་ཚན་པས་ཁུངས་སྣེ་མཁོ་འདོན་བྱེད་མཁན་གྱི་ཆ་འཕྲིན་གསང་སྲུང་བྱ་དགོས་པ། ཁུངས་སྣེ་ཐེར་འདོན་བྱེད་སྐབས་འབྲེལ་གཏུག་བྱེད་སྟངས་གསལ་པོ་ཡོང་བ་བྱས་ཏེ་དུས་ཐོག་ཏུ་འབྲེལ་གཏུག་བྱེད་བདེར་གཏོང་དགོས་པ།
གཉིས་ནས་ཐེར་འདོན་གོང་ཞུའི་ཁྱབ་ཁོངས་ནང་གི་མངོན་གསལ་དོད་པའི་གནད་དོན་གྱི་འབྲེལ་ཡོད་ཁུངས་སྣེ་བདག་སྤྲོད་བྱེད་པ་ལས་བདག་སྤྲོད་ཁྱབ་ཁོངས་སུ་མི་གཏོགས་པའི་གནད་དོན་གཞན་དག་ཡོད་ཚེ་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཁྲིམས་མཐུན་གྱི་ཁེ་དབང་སྲུང་སྐྱོང་ཡོངཐབས་བྱ་དགོས།
གསུམ་ནས་སྲིད་འཛིན་ཁྲིམས་སྒྱུར་ཚན་པ་ཁག་གིས་རང་འགུལ་ངང་རང་བཤེར་རང་བཅོས་བྱས་ཏེ་བཅོས་སྒྲིག་ལས་དོན་ལ་གཞོགས་འདེགས་ཧུར་ཐག་ཞུ་དགོས།
བཞི་ནས་ཁྲིམས་ཁང་དང་ཁྲིམས་འཛིན་ཅུད་སོགས་སྡེ་ཚན་གྱིས་བདག་སྤྲོད་བྱས་པའམ་ཡང་ན་སྲིད་འཛིན་གཏུག་བཤེར་དང་སྲིད་འཛིན་བསྐྱར་གྲོས་ཀྱི་གོ་རིམ་རེ་ཞུ་བྱས་ཟིན་པ་དང་། སྲིད་འཛིན་བསྐྱར་གྲོས་ཀྱི་གཏན་འབེབས་སམ་ཡང་ན་ནུས་པ་ཐོན་པའི་དཔྱད་མཚམས་བཏང་རིགས་ལ་བདག་སྤྲོད་བསྐྱར་མ་བྱེད་རྒྱུ་མེད།
བཅས་ཆེད་དུ་སྤྱི་བསྒྲགས་འདི་སྤེལ།
རྒྱ་ཆེའི་ཁེ་ལས་མང་ཚོགས་ཀྱིས་འབྲེལ་ཡོད་གནད་དོན་གྱི་ཁུངས་སྣེ་མཁོ་འདོན་དང་ཐེར་འདོན་བྱ་རྒྱུར་དགའ་བསུ་ཞུ།
མཚོ་སྣ་གྲོང་ཁྱེར་མི་དམངས་སྲིད་གཞུང་སྲིད་འཛིན་ཁྲིམས་འཛིན་མཐུན་སྦྱོར་ལྟ་སྐུལ་གཞུང་ལས་ཁང་ནས།
2026ལོའི་ཟླ་3ཚེས་17ཉིན་ལ།
